[001A] །རྗེ་བཙུན་བླ་མ་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་རྗེས་སུ་ བཟུང་དུ་གསོལ། །འདིར་སྐལ་ལྡན་གྱི་སྐྱེས་བུ་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཐབས་ཟབ་མོ་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་ བ་དང། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་དྲུག་གནས་ཁད་བྱི་དོར་བྱས་ལ་ སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམ་པ། བདེ་པའི་སྟན་ལ་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱེད་པ་ [002A] །ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ། གསོལ་བ་འདེབས་པ་མན་ངག་བཞིན་རྒྱུད་དང་འདྲེས་ངེས་པར་བྱ་བའོ། །གཉིས་ པ་དངོས་གཞི་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། བསམ་པས་བསྟེན་ཚུལ་དང། སྦྱོར་ བས་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དད་བ་སྦྱང་བ་དང། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་པའི་རིམ་པ་ལ་གཉིས་ དལ་འབྱོར་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ་དང། སྙིང་བོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གཉིས། དལ་འབྱོར་དོན་ཆེ་བར་བསམ་པ་དང། རྙེད་པར་དཀའ་བ་བསམ་ [002B] ༑གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གསུམ། སྐྱེས་བུ་ཆུང་དུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་ བ༑ སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་པའོ། །དང་པོ་ལ་བཞི། འཆི་བ་མི་རྟག་པ་བསམ་པ། ངན་འགྲོའི་སྡུག་བསྔལ་བསམ་པ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སྦྱང་བ་ ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །གཉིས་པ་སྐྱེས་བུ་འབྲིང་དང། ཐུན་མོང་པའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་དང། ཐར་པར་འགྲོ་ བའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང། སོ་སོའི་སྡུག་བསྔལ་བསམ་པའོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ གྱི་རིམ་པ་ལ་བློ་སྦྱང་བ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དངོས་དང། སེམས་ བསྐྱེད་ཆོ་གས་གཟུང་བའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཚུལ་དང། བདག་གཞན་མཉམ་པ་རྗེའི་སྒོ་ནས་བྱང་ཆུབ་ཏུ་སེམས་ [003A]༄༅། །བསྐྱེད་ཚུལ་ལོ། །གཉིས་པ་སེམས་བསྐྱེད་ཆོ་གས་གཟུང་བའི་ཚུལ་ལ་གཉིས། སྡོམ་པ་མ་ཐོབ་བ་ཐོབ་པར་བྱ་བ་དང། ཐོབ་བ་མི་ཉམས་བར་བསྲུང་ཚུལ་ལོ་ གཉིས་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལ་གཉིས། རྒྱལ་བའི་སྲས་ཀྱི་སྤྱོད་པ་སྤྱི་ལ་སློབ་ཚུལ་དང། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། རང་ རྒྱུད་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་གི་ཉམས་ལེན་དང། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞིའི་ཉམས་ལེན་ནོ། །གཉིས་པ་ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལ་གཉིས། བསམ་ གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ་དང། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ལོ། །གཉིས་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་ཕབ་ནས་བསྒོམ་པའི་ཚུལ་དང། ཆོས་ ཀྱི་བདག་མེད་གཏན་ལ་ཕབ་ནས་བསྒོམ་པའི་ཚུལ་ལོ། །གཉིས་པ་ལ་གཉིས། འདུས་བྱས་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་ཚུལ་དང། འདུས་མ་བྱས་རང་བཞིན་མེད་པར་ [003B] །དང་པོ་ལ་གསུམ། བེམ་པོ་རང་བཞིན་མེད་བར་གཏན་ལ་ཕབ་ནས་བསྒོམ་ཚུལ། ཤེས་པ་རང་བཞིན་མེད་བར་གཏན་ལ་ཕབ་ནས་བསྒོམ་ཚུལ། ལྡན་མིན་འདུ་ བྱེད་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམ་ཚུལ་ལོ། །ཞེས་བྱང་ཆུབ་ལམ་གྱི་རིམ་པའི་དམར་འཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ས་བཅད་མདོར་བསྡུས་པར་བཀོད་པ་པོ་ནི་ བླ་མ་དམ་པ་རྣམས་ཀྱི་བཀའ་འབངས་ཀྱི་ཐ་ཤལ་དགེ་སློང་དབང་ཕྱུག་ཆོས་བཟང་ངོ། །དགེ་ལེགས་འཕེལ།།